-
མདུན་ངོས།
- སྣ་ཚོགས།
སྣ་ཚོགས། (12)
དེ་རིང་ནི་སྤྱི་ཟླ ༣ ཚེས ༡༠ རེད། འདི་ནི་བོད་རྒྱལ་ཁབ་ཀྱི་ལོ་རྒྱུས་ནང་ཆེས་གལ་འགངས་ཆེ་བའི་ཉིན་མོ་ཞིག་རེད་དེ། ལོ་ངོ་ལྔ་བཅུ་ང་དགུའི་སྔོན་གྱི་དེ་རིང་༧བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་བོད་ཀྱི་རྒྱལ་ས་ལྷ་སའི་ནོར་གླིང་ཕོ་བྲང་དུ་བཞུགས་ཡོད་ལ། ཕོ་བྲང་གི་མཐའ་འཁོར་ཡོངས་སུ་བོད་རྒྱལ་ཁབ་ཀྱི་ཡུལ་གྲུ་ས་ཕྱོགས་གང་ས་ནས་ཡོང་བའི་མི་དམངས་ཁྲི་ཚོ་གསུམ་ཙམ་གྱིས་བསྐོར་ཡོད། ཉིན་དེར་བོད་ཀྱི་རྒྱལ་ས་ལྷ་ས་ན་རྒྱ་རིགས་ལས་བོད་རིགས་མང་བ་ཡོད།
ད་ཁྱེད་རང་ཚོ་ཚང་མར་ལོ་གསར་བཀྲ་ཤིས་བདེ་ལེགས་ཞེས་ཞུ་བ་དང་ཆགས་ཅིག བཀྲ་ཤིས་བདེ་ལེགས་ཀྱི་མིང་དོན་མཚུངས་པ་ཞིག་དང་། དོན་དང་ལྡན་པ་ཞིག་གནང་རོགས་ཞེས་ཞུ་སྙིང་འདོད་བྱུང་། ང་ཚོས་ནམ་རྒྱུན་ལོ་གསར་བཀྲ་ཤིས་ཞེས་ཞུ་བའི་ཁ་རྒྱུན་ཡོད། ལོ་གསར་བཀྲི་ཤིས་བདེ་ལེགས་ཟེར་དུས་ཕྱེ་མར་ཟ་ཡ་དང་། ཆང་འཐུང་ཡ། ཤོ་སྦག་རྩེད་ཡ་ལྟ་བུའི་སྐད་ཆ་ཞིག་ཕལ་ཆེར་མ་རེད། བཀྲ་ཤིས་ཞེས་པ་དེ་འཇམ་དཔལ་མཚན་བརྗོད་ནང”བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། གྲགས་པའི་བཀྲ་ཤིས་སྙན་གྲགས་ཆེ”ཞེས་གསུངས་པ་ནང་བཞིན།
བོད་ཡུལ་ནས་སྒྲ་ཅི་འདྲ་ཞིག་གྲག་ཀྱང་དེའི་ནང་དཔའ་བོ་རྣམས་ཀྱི་བདེན་པའི་འབོད་ཚིག་ཡོད།
རྩོམ་པ་པོ། : རང་ཐར།དེ་ནི་འདི་ནས་ཡར་བརྩིས་ན་ཏག་ཏག་ལོ་ངོ་ང་བརྒྱད་ཀྱི་གོང་སྟེ་སྤྱི་ལོ༡༩༥༩ཟླ༣ཚེས་༡༠ཉིན་གྱི་ཞོགས་པ་རེད། གནམ་ངོ་ཤིན་ཏུ་དྭངས་ཤིང་ཞོགས་པའི་ཉི་གཞོན་གྱི་འོད་ཟེར་ཕོ་བྲང་པོ་ཏ་ལ་དང་ཇོ་ཁང་གི་རྒྱ་ཕེབས་སྟེང་ཐོག་མར་འཕྲོ་བཞིན་མཆིས་ལ། ཉི་འོད་གསར་པས་གནའ་བོའི་ཕོ་བྲང་དང་ལྷ་ཁང་དེ་གཉིས་ལ་གཟི་མདངས་དང་བརྗིད་ཉམས་འཕར་མ་ཞིག་བསྣན་པ་མ་ཟད། སྐུ་དྲག་དང་དུད་ཁྱིམ་རེ་རེའི་ཁང་པའི་དུ་ཁུང་ནས་འཕྱོར་ཏེ་ཞོགས་པའི་བར་སྣང་དུ་དལ་བོར་འཕྱོ་བའི་དུ་སྤྲིན་རྣམས་མངོན་གསལ་དོད་པོར་བསྟན་འདུག ངོ་མ་ཐག་རིང་ནས་བལྟས་ན། དེ་ནི་གནའ་བོའི་གྲོང་ཁྱེར་དེའི་རྒྱུན་ལྡན་ནམ་སྤྱིར་བཏང་གི་ཉིན་མོ་ཞིག་ཡིན་པར་སྣང་མོད། འོན་ཀྱང་དེ་ནི་སྤྱིར་བཏང་གི་ཉིན་མོ་ཞིག་ཏུ་གཏན་ནས་གྱུར་མེད།
མཆན་གསར་ཤོས།
- ཡག་པོ་བྲིས་འདུག ང་བཟི་ན་འདོད་ཟེར་བའི་རྩོམ་དེ་ནི་ཚོར་བ་དངོས་བྲིས་ལྟ་བུ་ཞིག་འདུག … རྩོམ་པ་པོ། : རྐ་སྲས། on Sat 15 Jan 2022 རང་ཐར་གྱི་སྙན་ངག་བདམས་བཀོད། (སྙན་ངག)
- རྩོམ་རྩལ་ལ་གསོན་ཉམས་ལྡན་པས། ངས་ཀྱང་ཁྱོད་ཀྱི་ཚོར་བ་སྐྱུར་མོ་དེ་མྱོང་ཐུབ་སོང་།… རྩོམ་པ་པོ། : གསེར་ལྗོངས་སྐལ་བཟང་། on Wed 12 Jan 2022 “གསོག་སྒར་སློབ་གྲྭའི”སློབ་གྲོགས་རྣམ་པ། ཁྱོད་ཚོ་བདེ་པོ་ཨེ་ཡིན། (སྣ་ཚོགས།)
མཆན་མང་ཤོས།
-
བརྩམས་སྒྲུང་"བྱ་དེ་ཁྲུང་ཁྲུང་དཀར་པོ། གཤོག་རྩལ་ང་ལ་གཡོར་དང་།"ཞེས་པའི་བཀླགས་བྱང་།
བརྩམས་སྒྲུང་གི་རྒྱབ་ཤའི་པར། (བཀླགས་བྱང་འདི་དེ་སྔོན་ཕྱི་ལོ་ ༢༠༡༧…Written on Thu 03 Dec 2020 in སྣ་ཚོགས། 1 བསམ་ཚུལ། ཤོག་ངོས་འདི་ཐེངས་ 1241 ལ་བཀླགས་འདུག
ཀློག་གྲངས་མང་ཤོས།
-
ངོ་མི་ཤེས་པའི་བུད་མེད་ཅིག་གི་ལས་དབང་།
(སྒྲུང་ཐུང་འདི་གདང་ལ་རི་བོ་དུས་དེབ་ཐོག་ཏུ་བཀོད་ཡོད།) “འདི་ཚོ་ཨ་ཧ་ངར་བ་རེད་ཡ།”…Written on Sat 09 Jan 2021 in བརྩམས་སྒྲུང་། 1 བསམ་ཚུལ། ཤོག་ངོས་འདི་ཐེངས་ 1291 ལ་བཀླགས་འདུག
ཐོག་མར་ཁྱེད་ངའི་ཟིན་བྲིས་ནང་ཕེབས་པར་དགའ་བསུ་ཞུ། འདི་ནི་ངས་རང་གིས་དཀའ་བ་བརྒྱ་དང་བརྩོན་པ་སྟོང་སྤྱད་དེ་བྲིས་པའི་རྩོམ་ཡིག་རྣམས་ཉར་ཚགས་བྱེད་ས་དང་། རང་ཉིད་ཀྱི་རྩོམ་རྩལ་སྦྱོང་བརྡར་བྱེད་སའི་སྡེངས་ཆ་ལ་གཙོ་བོར་དམིགས་ནས་བཟོས་པ་ཞིག་ཡིན། འདིར་བརྩམས་སྒྲུང་དང་། སྙན་ངག སྒྱུར་རྩོམ། ཉིན་ཐོ། ལྗོངས་རྒྱུའི་ཟིན་ཐོ། བཅར་འདྲི། སྣ་ཚོགས། པར་རིས་བཅས་སྡེ་ཚན་བརྒྱད་ཡོད་ལ། རྩོམ་ཡིག་རྣམས་སོ་སོའི་སྡེ་ཚན་དུ་བཀོད་དེ་ལྟ་ཀློག་བདེ་བར་བཟོས་ཡོད། ཡག་མིན་ལ་མ་ལྟོས་པར་འདིར་བཀོད་པའི་པར་རིས་དང་ཚིག་འབྲུ་རེ་རེ་ནི་ངའི་ལུས་སེམས་ཀྱི་ངལ་རྩོལ་ལས་གྲུབ་པའི་འབྲས་བུ་རེ་རེ་ཡིན་པས། ཆོག་མཆན་མེད་པར་གང་བྱུང་བཤུ་བ་དང་བཀོལ་སྤྱོད་བྱེད་མི་ཆོག མཐར་ཀློག་སྤྲོ།